[ti:发辫]
[ar:先巴才让,周毛卡]
[al:发辫]
[by:dongmei_karakal]
[offset:0]
[00:00.00]发辫 - 先巴才让/周毛卡
[00:16.75]词:周桑尕白
[00:33.51]曲:先巴才让
[00:50.27]ཨོ་ཡེ། ཞང་ཨ་ལོང་ལེན། ཞང་ཡང་ལོང་འགུག
[00:56.77]སྐྲ་ལན་ཆེན་ལན་ཆུང་སྟེང་དུ།
[01:02.98]བལ་དཀར་པོའི་བ་རྒྱན་འདོགས་དུས།
[01:07.60]ལོ་བཅོ་ལྔའི་ཤིས་ཚིག་དེ་ཡིན།
[01:14.41]ནང་ན་ཟླའི་སྔོན་འགྲོ་དེ་ཡིན།
[01:18.76]བལ་དེ་ལྷ་ལུག་སྟོང་ལས་བྲེག་སོང་།
[01:23.71]ལྷ་མོ་བརྒྱ་ཡིས་ཕྱང་དཀར་བཞག་སོང་།
[01:29.24]ཕྱིང་སྟེང་པདྨ་འདབ་བརྒྱད་འཁྲུངས་སོང་།
[01:36.10]ཕྱིང་གླུ་དགུ་སིང་དྲུག་འགྱུར་འཁོར་སོང་།
[01:43.76]གོས་ཀྱི་དྭངས་རྩེ་དེ་ནས་དར་སོང་།
[01:48.96]ཨོ་ཡེ། ཞང་ཨ་ལོང་ལེན། ཞང་ཡང་ལོང་འགུག
[01:55.22]
[02:36.48]སྐྲ་ལན་ཆེན་ལན་ཆུང་སྟེང་དུ།
[02:40.61]གཡུ་དྲུག་དཀར་གཡུ་རྒྱན་འདོགས་དུས།
[02:45.61]དྲིན་ཕ་མའི་ཤིས་ཚིག་དེ་ཡིན།
[02:49.67]ལོ་ཉི་ཤུའི་ཉི་གཞོན་དེ་ཡིན།
[02:53.93]གཡུ་དེ་རྒྱ་མཚོའི་གཏིང་ནས་བླངས་ཡོང་།
[03:00.05]ཀླུ་མོ་བརྒྱ་ཡིས་གཡུ་ལུང་བཏགས་སོང་།
[03:05.90]གཡུ་ལ་་གསེར་ཉ་བསམ་འགྲུབ་འཁྲུངས་ཡོད།
[03:12.14]གཡུ་མདོག་ནམ་མཁའི་ཕྲ་ལ་བཏབ་སོང་།
[03:17.25]རྒྱན་ཆའི་དྭངས་རྩེ་དེ་ནས་དར་སོང་།
[03:22.52]འབྲོང་ཁྱུ་ཞོགས་པའི་རྨི་ལམ།
[03:26.94]རྨི་ལམ་ག་རེ་ལྷག་སོང་།
[03:28.53]ཕྱིང་དཀར་གྱོན་པའི་འབྲོག་མོ།
[03:31.78]འབྲོག་མོ་ག་རེ་ལྷག་སོང་།
[03:34.08]སེམས་ལ་བྲིས་པའི་ཕ་ཡུལ།
[03:35.27]སྒྲོལ་མའི་ཐང་ག་འདྲ་ལེ།
[03:36.50]ཕར་ཕར་འགྲོ་བའི་མི་ཚེ།
[03:37.93]ཚུར་ཚུར་འོང་བའི་ལོ་ཟླ།
[03:38.96]ཕྱིང་དཀར་གྱོན་པའི་འབྲོག་མོ།
[03:40.61]ཐོད་པའི་ཁ་ཡིག་ཡིན་པས།
[03:42.09]ཨེ་མ་གཡུ་ཆུང་དྲུག་དཀར།
[03:45.37]གཞས་ཆུང་ལེན་རོགས་བྱས་ཆོག
展开